汉文主页

 

 

 
རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་སྤྲོད་ཀྱི་བོད་ལྗོངས་རྒྱུགས་སྤྲོད་ས་ཁུལ་དུ་རྒྱུགས་ལེན་འགོ་བརྩམས་པ།
 
 
རྩོམ་པ་པོ་རྡེའུ་དཀར་ནག རྩོམ་སྒྲིག་པ་བསོད་ནམས་རྡོ་རྗེ། དུས་ཚོད2008-9-23 10:18:24 ཡོང་ཁུངས་ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།
   ཟླ༩པའི་ཚེས༢༠ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་སྤྲོད་ཀྱི་བོད་ལྗོངས་རྒྱུགས་སྤྲོད་ས་ཁུལ་དུ་རྒྱལ་ཡོངས་དང་མཉམ་དུ་རྒྱུགས་ལེན་འགོ་བརྩམས་ཤིང་།    བོད་ལྗོངས་སུ་རྒྱུགས་ཞུགས་སློབ་མ༡༤༠༠ལྷག་ཡོད་པ་རེད།
   བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་བཤེར་གླིང་གི་འགོ་གཙོ་ཀྲང་ཕེ་ཀྲུང་དང་།    གཞན་ཡང་ལྗོངས་མི་དམངས་དམངས་ཆེན་དང་ལྗོངས་མཐོ་རིམ་ཁྲིམས་ཁང་།    ལྗོངས་ཁྲིམས་འཛིན་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་རྣམས་ཀྱིས་རྒྱུགས་རར་ཞིབ་ལྟ་གནང་བ་མ་ཟད།    ད་དུང་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རྒྱུགས་སྤྲོད་བོད་ལྗོངས་རྒྱུགས་ལེན་ས་ཁུལ་གྱི་ལས་དོན་གནས་ཚུལ་སྐོར་ངོ་སྤྲོད་གནང་བར་གསན་པ་རེད།
   ད་ལོར་བོད་ལྗོངས་ཀྱིས་ཐོག་དང་པོར་དྲ་ཚིགས་སྟེང་དུ་སྔ་ཐོ་འགོད་པ་དང་།    ལས་ཡུལ་དངོས་སུ་ཐོ་འགོད་བྱེད་པའི་བྱེད་ཐབས་རིགས་གཉིས་ལག་བསྟར་བྱས་ཤིང་།     ས་ཁུལགྲོང་ཁྱེརསོ་སོའི་ཁྲིམས་འཛིན་ཁྲུའུཅུདཡིས་ལས་ཡུལ་དངོས་སུ་ཐོ་འགོད་དང་ངོས་འཛིན་པ་ལག་བསྟར་བྱས་པར་མ་ཟད།     དེ་མཐུན་གྱི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་སྤྲོད་མིང་འགོད་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་ཞིག་ཀྱང་བཙུགས་ཡོད་པ་རེད།
   ཤེས་རྟོགས་བྱུང་བ་ལྟར་ན།    ད་ལོར་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རྒྱུགས་སྤྲོད་བྱེད་པར་མིང་ཐོ་འགོད་པའི་ལས་དོན་གྱི་ཁྱད་ཆོས་གཙོ་བོ་ནི།    མཐོ་རིམ་སློབ་གྲྭ་དཀྱུས་མའི༢༠༠༩ལོའི་མཐར་ཕྱིན་སློབ་མ་རྣམས་ཡིན་ཞིང་།     ས་དེ་གའི་སློབ་གླིང་གིས་སྩལ་པའི་ངོ་སྤྲོད་ཡི་གེ་ཡོད་ནའང་མིང་ཐོ་བཀོད་ནས་རྒྱུགས་ལེན་པར་ཞུགས་ཆོག་གོ །


དྲ་ཚིགས་འདིའི་པར་དབང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་ལ་དབང་བས་ཕན་ཚུན་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།



Copyright @ 2001 amdotibet.com Inc. All rights reserved


དྲ་ཚིགས་དཔང་རྟགས།
: 青 ICP 备 07500060

ཡིག་ཟམ།amdotibet@126.com